༢༠༡༤།༠༨།༠༢ རེས་གཟའ་སྤེན་པ།

Title

༢༠༡༤།༠༨།༠༢ རེས་གཟའ་སྤེན་པ།

Description

  • བོད་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཤུགས་ཆེ་གཏོང་མཁན་རྒྱ་གཞུང་གི་འགོ་ཁྲིད་ཚོར་ཨ་རིའི་ནང་བསྐྱོད་རྒྱུའི་མཐོང་མཆན་བཀག་འགོག་བྱེད་དགོས་པའི་རེ་འབོད་བཏོན་འདུག
  • རྒྱ་གཞུང་གིས་ཆབ་སྲིད་བདེ་འཇགས་ཆེད་འབྲི་རུའི་མང་ཚོགས་ཀྱི་འཚོ་བའི་གཞི་རྟེན་གྱི་ལ་དོ་ཕོག་ཡོད་པ་གསུངས་འདུག
  • བོད་ཁམས་རྫ་ཆུ་ཁ་དབོན་པོ་གཡུ་མཚོར་རྒྱ་མིའི་དམག་མི་འབོར་ཆེན་ཆེད་གཏོང་བྱས་ཏེ་དམ་དྲག་འོག་གནས་འདུག
  • ཐེ་ཝན་ནང་སྲོལ་རླངས་འབར་གས་ཀྱི་དོན་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་ཆེད་བོད་མི་ཚོས་མཆོད་འབུལ་སྨོན་ལམ་ཚོགས་འདུག
  • ཁེ་ན་ཊའི་རྒྱལ་ཡོངས་ཉམས་ཞིབ་ལྷན་ཚོགས་ཀྱི་གློག་ཀླད་ནང་རྒྱ་ནག་གིས་སིམ་འཛུལ་བྱས་ཡོད་པ་ཡོངས་ཁྱབ་བྱས་འདུག
  • སྲིད་སྐྱོང་མཆོག་གིས་སྲིད་ཞུ་བས་ནུས་པ་འདོན་མི་ཐུབ་པ་ཡིན་ན་རྩ་དོན་རྩོད་མཁན་སྒྲིག་འཛུགས་ཀྱི་ནུས་པ་ཉམས་ཀྱི་ཡོད་པ་གསུངས་འདུག
  • དམིགས་བསལ་གྱི་ལས་རིམ། འདི་ལོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་་སྐབས་ཐོག་མར་གང་ཉིད་ནས་ཆོས་ཞུ་བ་ཚོར་སྔོན་འགྲོའི་བཀའ་ཆོས་བསྩལ་བ་སྔོན་མའི་འཕྲོས་བཅས།

Identifier

1109 'B'

Contributor

གོང་ས་མཆོག་,ཚེ་རིང་མཆོ་མོ་ལགས།,སྲིད་སྐྱོང་མཆོག་,སྐུ་ཞབས་བྱམས་པ་ཡོན་ཏན་ལགས།,འགན་འཛིན་འཇམ་དཔལ་ཆོས་བཟང་ལགས།,

Date

02-08-14