༢༠༡༤།༠༨།༡༥ རེས་གཟའ་པ་སངས།

Title

༢༠༡༤།༠༨།༡༥ རེས་གཟའ་པ་སངས།

Description

  • བོད་གཞུང་མང་གཉིས་ནས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་གནང་སོང་།
  • བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་གཞུང་གིས་དྲག་གནོན་བྱས་པར་སྐྱོན་བརྗོད་དང་ལས་འགུལ་སྤེལ་འདུག
  • ༸གོང་ས་མཆོག་ཕྱི་ཟླ་༢པར་ནོ་ཝེའི་ནང་ཆིབས་བསྒྱུར་གནང་རྒྱུ་རེད་འདུག
  • གཞས་མ་གྲགས་ཅན་ཧན་ཧོང་གི་སྣེ་ཁྲིད་པའི་རྒྱ་རིགས་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་བཅས་ནས་བོད་མདོ་སྨད་རྫོང་ཁག་བཅུ་གཉིས་ནང་རིན་མེད་སྨན་བཅོས་ཀྱི་ལས་འགུལ་སྤེལ་འདུག
  • འདས་པའི་ལོ་ངོ་ཉིས་སྟོང་ནང་བོད་མཐོ་སྒང་གི་འཁྱག་རོམ་བཞུར་ཚད་དེ་ཧ་ཅང་གི་ཤུགས་ཆེན་པོ་འཕར་ཡོད་པ་ཤེས་རྟོགས་བྱུང་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཏམ་བརྗོད་རུ་ཁག་སྐོར་ལ་ཚོགས་པ་དེ་གའི་ངེས་སྟོན་པ་ལྷག་པ་ཚེ་རིང་ལགས་སུ་བཅའ་འདྲི་ཞུས་པ་བཅས།

Identifier

1116 'A'

Contributor

སྲིད་སྐྱོང་བློ་བཟང་སེང་གེ་མཆོག,གཞས་མ་གྲགས་ཅན་ཧན་ཧོང་,ངེས་སྟོན་པ་ལྷག་པ་ཚེ་རིང་ལགས་,རྒན་འཆི་མེད་ཚེ་རིང་ལགས།,

Date

15-08-14