༢༠༡༤།༠༨།༢༠ རེས་གཟའ་ལྷག་པ།

Title

༢༠༡༤།༠༨།༢༠ རེས་གཟའ་ལྷག་པ།

Description

  • རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་འདན་མའི་ནང་གི་བོད་མིའི་ཐོག་སྤེལ་བའི་དྲག་གནོན་ལ་ངོ་རྒོལ་ཆེད་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ངོས་སུ་ཟས་བཅད་ཀྱི་ལས་འགུལ་སྤེལ་རྒྱུ་རེད་འདུག
  • ཡོ་རོབ་རྒྱལ་ཁབ་འཇར་མན་ནང་དུ་མཛད་འཆར་ཆེད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་མཛད་གནང་སོང་།
  • ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་གོ་བསྒྲིགས་གནང་འདུག
  • འདས་པའི་ལོ་གཉིས་དང་ཕྱེད་ཀའི་ནང་ཐེ་ཝན་དང་བོད་ནང་བོད་མི་ཡུལ་སྐོར་སྤྲོ་འཆམ་སླེབ་མཁན་གཅིག་ཀྱང་མི་འདུག
  • ལྡི་ལིར་བོད་པའི་བུད་མེད་སྨན་ཞབས་པ་དེར་བརྙས་བཅོས་བྱེད་པ་ལས་དངོས་སུ་བཙན་གཡེམ་བྱས་མི་འདུག
  • བོད་པའི་དགེ་འདུན་པ་ཁག་ཅིག་ནས་ཚེ་འདས་ Michael Brown ལགས་ལ་རྒྱབ་སྐྱོར་གྱིས་ལས་འགུལ་ནང་མཉམ་བཞུགས་གནང་འདུག
  • བོད་ནང་རྒྱ་གཞུང་གིས་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་གཏོང་བའི་ལས་འཆར་ནི་ས་འཚམས་ཁག་སྲུང་སྐྱོབ་དང་རྒྱལ་སྲུང་གི་ཐབས་བྱུས་ཞིག་ཡིན་སྐོར་གསུངས་འདུག
  • དམིགས་བསལ་ལས་རིམ། ༸གོང་ས་མཆོག་ནས་འདི་ལོའི་ཕྱི་ཟླ་བདུན་པའི་ནང་ ལ་དྭགས་རིག་ལམ་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ།

Identifier

1118 'B'

Contributor

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་,ཐའེ་ཝན་སྐུ་ཚབ་དོན་གཅོད་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས།,ལྡི་ལི་ས་གནས་འགན་འཛིན་རྡོ་རྗེ་ལགས།,

Date

20-08-14