Title
༢༠༡༨།༡༠།༡༦ རེས་གཟའ་མིག་དམར།
Description
- ༸གོང་ས་མཆོག་གིས་བོད་སྐད་མཁྱེན་མཁན་རྒྱ་གར་བ་ཞིག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱ་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག
- Li keqiang གི་གཞུང་འབྲེལ་འཚམས་གཟིགས་ལ་བོད་མི་དང་ཡུ་གུར་བ་སོགས་ཀྱིས་ངོ་རྒོལ།
- ཤེས་རབ་མཚོ་ལགས་སུ་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲོས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པ།
- ༸གོང་ས་མཆོག་གིས་ཡོང་ལ་ཉེ་བའི་ཕྱི་ཟླ་ ༡༢ དང་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱང་གཏན་འཁེལ་བ།
- དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་ཨོ་རི་ས་གཞིས་ཆགས་ནང་མུ་མཐུད་གློག་དང་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་པ།
- བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
- དམིགས་བསལ་ལས་རིམ། གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱི་གླུ་གཞས་གཤོག་པ།
Contributor
༸གོང་ས་མཆོག,རྒྱུག་རྩལ་བ་ཤེས་རབ་མཚོ།,སྲིད་བློན་Li keqiang,དྲུང་གཞོན་དོན་གྲུབ།,ཆོས་ནོར་བསམ་གྲུབ།,གཞས་པ་བསྟན་འཛིན་ཉི་མ།,
Date
16-10-18