Title
༢༠༡༣།༠༡།༠༢ རེས་གཟའ་ལྷག་པ།
Description
- རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཚོའི་ཞལ་འཆེམས་བརྒྱུད་བསྒྲགས་གནང་མཁན་བོད་མི་ལས་འགུལ་བ་གསུམ་གྱིས་དེ་རིང་ཟས་བཅད་ངོ་རྒོལ་བརྒྱུད་ལས་འགུལ་མཇུག་སྒྲིལ་གནང་འདུག
- སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་དེས་བོད་མི་རྣམས་ལ་རེ་བ་དང་སེམས་ཤུགས་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་གནང་འདུག
- བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གིས་ཚོགས་འདུ་རྗེས་མའི་ཐོག་ཚོགས་ཆུང་གི་ཚོགས་མི་གྲ་སྒྲིག་གནང་རྒྱུ་རེད་འདུག
- ཨ་རིར་རང་བཙན་གྱི་མཚན་ཚོགས་བརྒྱུད་བོད་མི་བློས་གཏོང་བ་རྣམས་ལ་རྗེས་དྲན་ཞུས་འདུག
- NY Times གསར་ཁང་གི་གསར་འགོད་པ་ཞིག་པེ་ཅིང་ནས་གློ་བུར་དུ་ཕྱིར་ཕུད་བཏང་འདུག
- ཐེངས་དགུ་པའི་འཛིན་རིམ་ ༡༡ གི་སློབ་མ་རྣམས་ཀྱི་ཟབ་སྦྱོང་འཇུག་སྒྲིལ་དང་འབྲེལ་སློབ་ཕྲུག་རྣམས་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སོ་སོའི་ལས་དོན་ལ་འགྱུར་བ་དགོས་པའི་ལམ་སྟོན་གནང་སོང་།
- དམིགས་བསལ་ལས་རིམ། ༧གོང་ས་མཆོག་གིས་བཀའ་སློབ་ལས་རིམ།
Contributor
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག,ཟླ་གཞི་ཕུན་ཚོགས།,དོན་གྲུབ་ལྷ་དར།,དངོས་གྲུབ་ཚེ་རིང་།,སློབ་ཕྱི་བློ་བཟང་དམ་ཆོས།,
Date
02-01-13