༢༠༡༣།༠༡།༢༥ རེས་གཟའ་པ་སངས།

Title

༢༠༡༣།༠༡།༢༥ རེས་གཟའ་པ་སངས།

Description

  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཇེ་པིར་རྩོམ་རིག་དུས་སྟོན་གྱི་མཛད་སྒོར་ལམ་སྟོན་བཀའ་སློབ་ཀྱི་མཛད་འཆར་གྲུབ་ཏེ་དེ་རིང་བཞུགས་སྒར་དུ་ཞབས་སོར་འཁོད་གནང་སོང་།
  • རང་བསྲེགས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་བོད་མདོ་སྨད་ཀན་ལྷོ་དང་རྨ་ལྷོ་ཁུལ་ནས་ཁྱོན་བོད་མི་ ༡༨ འཛིན་བཟུང་བྱས་འདུག
  • ལྷོ་ཕྱོགས་ཁུལ་གྱི་བོད་མི་མང་སྤྱི་འཐུས་རྣམ་པས་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་རིང་མཇུག་སྒྲིལ་གནང་གི་འདུག
  • ཆོས་རིག་ལས་ཁུངས་ནས་སྐྱབས་བརྗེ་ཆེ་ཚང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་འདུག
  • བོད་པའི་སློབ་ཕྲུག་ཁག་ཅིག་གིས་རི་མོ་དང་བཟོ་རིག་གི་སྒྱུ་རྩལ་འགྲེམས་སྟོན་གནང་སོང་།
  • Australia དང་ནིའུ་ཛི་ལན་ཌའི་བོད་པའི་གཞོན་སྐྱེས་རྣམ་ལ་བོད་དོན་གོ་རྟོགས་ཀྱི་ཟབ་སྦྱོང་གནང་འདུག
  • རྡོ་རྗེ་ལྡན་གྱི་གནས་ཆེན་ཁག་དམ་ཆོས་དཔལ་བཟང་ལགས་ཀྱིས་ངོ་སྤྲོད་གནང་བ།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྐྱབས་བརྗེ་ཆེ་ཚང་རིན་པོ་ཆེ་མཆོག,སྤྱི་འཐུས་ཨ་འབྲུག་ཚེ་བརྟན།,སློབ་མ་ཕུར་བུ་སྒྲོལ་མ།,དམ་ཆོས་དཔལ་བཟང་།,

Date

25-01-13