༢༠༡༣།༠༡།༢༦ རེས་གཟའ་སྤེན་པ།

Title

༢༠༡༣།༠༡།༢༦ རེས་གཟའ་སྤེན་པ།

Description

  • རྒྱ་གར་གྱི་མང་གཙོའི་དུས་དྲན་དང་བསྟུན་རྒྱ་གར་གཞུང་མང་གཉིས་ལ་སྲིད་སྐྱོང་མཆོག་ནས་འཚམས་འདྲིའི་ཐུགས་རྗེ་ལེགས་བརྗོད་གནང་སོང་།
  • དབྱིན་ཡུལ་གྱི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་པ་རྣམས་ནས་བཞུགས་གྲལ་ཐེག་ཆེན་གཙུག་ལག་ཁང་དུ་གནས་གཟིགས་སུ་ཕེབས་འདུག
  • བོད་མཚོ་ཤར་ས་ཁུལ་གྱི་བོད་ཕྲུག་རྣམས་ལ་རྒྱ་གཞུང་ནས་བོད་ཡིག་སློབ་སྦྱོང་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག
  • བོད་མི་རང་བསྲེགས་གནང་མཁན་གྱི་སྤུན་ཉེ་ཞིག་ནས་རང་བསྲེགས་གནང་མཁན་རྣམ་པའི་མངོན་འདོད་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་འདུག
  • ཨ་རི་དང་ཁེ་ན་ཌའི་ནང་བོད་རིག་པའི་གོ་རྟོགས་རྒྱ་ཆེར་སྤེལ་སླད་ཁུལ་དེའི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་ནང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་གསར་འཛུགས་གནང་འཆར་འདུག
  • བོད་རང་བཙན་གསལ་བསྒྲགས་གནང་སྟེ་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་གནང་རྒྱུའི་སྔོན་ཚུད་ནས་རྒྱ་ནག་གི་གཞུང་ཚབ་ཁང་རྣམས་ལ་བོད་དོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུའི་ཉེན་བརྡ་གཏོང་བཞིན་འདུག
  • རྒྱ་གར་རྡོ་རྗེ་ལྡན་གྱི་གནས་ཆེན་ཁག་དམ་ཆོས་དཔལ་བཟང་ལགས་ཀྱིས་ངོ་སྤྲོད་གནང་བ།
  • དམིགས་བསལ་ལས་རིམ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ།,རྡོ་རྗེ་ཚེ་བརྟན།,དམ་ཆོས་དཔལ་བཟང་།,

Date

26-01-13