༢༠༡༢།༠༥།༠༨ རེས་གཟའ་མིག་དམར།

Title

༢༠༡༢།༠༥།༠༨ རེས་གཟའ་མིག་དམར།

Description

  • རྒྱ་གཞུང་གིས་བོད་ཨ་མདོ་རེབ་གོང་ས་ཁུལ་གྱི་རྫོང་དཔོན་གཙོས་པའི་སློབ་འབྲིང་གི་སློབ་སྤྱི་མང་པོ་ལས་གནས་ནས་ཕྱིར་འབུད་བཏང་བཞིན་འདུག 
  • ལྷ་ས་གྲོང་ཁྱེར་ནང་དུ་དྲག་བརྡུང་ནན་པོ་བྱ་རྒྱུའི་རྒྱ་གཞུང་གིས་བཀོད་ཁྱབ་བཏང་འདུག 
  • རྒྱ་ནག་གཞུང་གིས་པེ་ཅིང་དུ་ཡོད་པའི་Al Jazeera གསར་ཁང་གི་ལས་ཁུངས་སྒོ་རྒྱབ་དགོས་བཟོས་འདུག 
  • སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བརྒྱུད་བསྒྲགས་གནང་འདུག 
  • བཀའ་བློན་ཁྲི་པ་མཆོག་གིས་སིམ་ལཱ་གཏན་སློབ་ཀྱི་ལོ་ལྔ་བཅུ་འི་མཛད་སྒོར་དབུ་འཛུགས་རྗེས་སོ་ལན་བོན་གཞིས་ནང་དུ་འཚམས་གཟིགས་གནང་འདུག 
  • གླིང་ཚ་མ་བུ་གསུམ་གྱིས་རྒྱའི་རྒྱལ་དར་འཁྱེར་བ་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་པའི་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་གསུངས་གནང་སོང་། 
  • རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་བའི་འཁྱོག་བཤད་ཀྱི་གློག་བརྙན་ཞིག་བཟོས་ཀྱང་རྗེས་སུ་ཕྱིར་བསྡུ་བྱ་དགོས་བྱུང་འདུག 
  • འཕྲིན་ལས་རྒྱ་མཚོ་ལགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཤག་གནང་སོང་། 
  • བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་ཞུས་གནང་འདུག
  • དམིགས་བསལ་ལས་རིམ། བོད་ཀྱི་གནའ་རབས་དང་དེང་དུས་གླུ་གཞས་ནང་བོད་ནང་གི་གཞས་མ་རིག་འཛིན་སྒྲོལ་མ་ལགས་ཀྱི་བླངས་པའི་གཞས་གདུང་སེམས་མཉམ་སྐྱེད་ཞེས་པ་ཞིག

Contributor

དགེ་བཤེས་ཉི་མ་དོན་གྲུབ་ལགས།,བཀའ་ཁྲི་བློ་བཟང་སེང་གེ་མཆོག,གླིང་ཚ་མ་བུ་གསུམ་གྱི་ཚེ་བརྟན་རྡོ་རྗེ་ལགས།,བོད་ནང་གི་གཞས་མ་རིག་འཛིན་སྒྲོལ་མ་ལགས་,

Date

08-05-12