༢༠༡༣།༠༣།༠༧ རེས་གཟའ་ཕུར་བུ།

Title

༢༠༡༣།༠༣།༠༧ རེས་གཟའ་ཕུར་བུ།

Description

  • གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བའི་མཚམས་འདིར་རྒྱ་གཞུང་ནས་བོད་ནང་རང་བསྲེགས་ལ་ངོ་རྒོལ་གྱི་སློབ་གསོའི་ལས་རིམ་ཤུགས་ཆེན་པོ་སྤེལ་བཞིན་པ་རེད་འདུག
  • Kalmykསྤྱི་འཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་མཆོག་ནས་རྒྱ་གཞུང་གིས་བོད་མིའི་རིགས་རྩ་མེད་གཏོང་བཞིན་པ་བཀའ་གནང་འདུག
  • ཨ་རིའི་གྲོངས་ཁྱེར་Madisonནང་གི་Deanརྫོང་ལས་ཁུངས་ཨ་མའི་མདུན་ངོས་སུ་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱ་རྒྱུ་རེད་འདུག
  • བོད་མིའི་རང་དབང་གེར་ལངས་ཀྱི་ཉི་མོ་དང་བསྟུན་བཀའ་བློན་རྣམ་པ་རྒྱལ་སྤྱིའི་བོད་མིའི་སྤྱི་ཚོགས་ཁྲོད་ཕྱོགས་ཕེབས་གནང་རྒྱུ་རེ་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཟླ་འཇུག་ཏུ་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུའི་གཏན་འཁེལ་བྱུང་འདུག
  • ཐེ་ལྦན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་གསལ་བསྒྲགས་སྤེལ་འདུག
  • སྐབས་གསུམ་པའི་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་འགན་འཛིན་གསར་པས་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུ་རེད་འདུག
  • འཕྲོད་བསྟན་གྱི་ལས་རིམ་ནང་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་མཉན་ནད་རེ་དུག་གི་ན་ཚའི་སྐོར་ངོ་སྤྲོད།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག,འགན་འཛིན་ཚེ་རིང་མཚོ་མོ།,ཚོགས་གཚོ་དཀོན་མཆོག་མགོན་པོ།,བཀྲ་ཤིས་ཚེ་རིང་།,འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན།,

Date

07-03-13