༢༠༡༣།༠༣།༢༢ རེས་གཟའ་པ་སངས།

Title

༢༠༡༣།༠༣།༢༢ རེས་གཟའ་པ་སངས།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་དང་ཆོས་འབྲེལ་སྩལ་འདུག
  • སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་རྒྱ་འབྲེལ་མོལ་སང་ཉིན་གནང་བ་ཡིན་ན་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་གནང་སོང།
  • ཁེ་ན་ཌའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཞིག་ཕུལ་གནང་འདུག
  • རྒྱ་ནག་གཞུང་གི་བོད་ཀྱི་ཆུའི་གནད་དོན་ཐོག་འགན་ཁུར་མེད་པའི་སྲིད་བྱུས་སྤེལ་བཞིན་པ་དེ་ཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག
  • རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌའི་ནང་དུ་གནས་སྤོ་བྱ་རྒྱུའི་ལས་གཞིའི་ཁྲོད་མི་གྲངས་༢༠༤ཅན་གྱི་རུ་ཁག་དང་པོ་ཁེ་ན་ཌའི་ནང་དུ་བཏང་རྒྱུའི་གྲ་སྒྲིག་གནང་བཞིན་འདུག
  • དམིགས་གསལ་ལས་རིམ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་སྐར་མ་ལེགས་བཤད་ལགས་ཀྱི་ཚོགས་པ་དེའི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད་གནང་བ།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,འགན་འཛིན་སྐར་མ་ལེགས་བཤད།,ཐུབ་བསྟན་ཚེ་དབང་།,ཤར་གླིང་ཟླ་སྒྲོན།,དོན་གྲུབ་རྡོ་རྗེ།,

Date

22-03-13