༢༠༡༣།༠༣།༢༣ རེས་གཟའ་སྤེན་པ།

Title

༢༠༡༣།༠༣།༢༣ རེས་གཟའ་སྤེན་པ།

Description

  • བཀའ་ཟུར་ཀི་རྟི་རིན་པོ་ཆེ་མཆོག་གི་རྒྱ་ནག་གི་བོད་ཐོག་དྲག་གནོན་བྱས་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་བོད་མིའི་རང་བསྲེགས་ཀྱི་དོན་རྐྱེན་ཡང་མུ་མཐུད་བྱུང་བཞིན་ཡོད་སྐོར་གསུངས་འདུག
  • པི་ཅིང་དུ་ཚོགས་པའི་བོད་དོན་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་ཕྱི་རྒྱལ་གསར་འགོད་པ་ཚོས་བོད་ནང་དུ་འགྲོ་བསྐྱོད་མི་ཆོག་པའི་སྲིད་བྱུས་དེར་གྱུར་བ་བཏང་དགོས་པའི་འབོད་སྐུལ་ཞུས་འདུག
  • བྱང་ཨ་རིའི་Californiaམངའ་སྡེའི་ནང་ཉིན་བརྒྱད་རིང་གི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག
  • དབུས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ༨༥འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་སྨན་སློབ་ཁ་ཅིག་ལ་གཟེངས་རྟགས་ཕྱག་ཁྱེར་འབུལ་བཞེས་གནང་སོང།
  • ཨ་རིར་རྒྱ་རིག་ཤེས་ལྡན་པ་ལ་སྣེ་ལེན་འདུ་འཛོམས་བརྒྱུད་བོད་རྒྱ་གྲོས་མོལ་གྱི་གལ་ཆེའི་རང་བཞིན་ངོ་སྤྲོད་གནང་བའི་སྐོར།
  • རྒྱལ་དབང་ཀརྨ་པ་རིན་པོ་མཆོག་གིས་ཁམས་པའི་གར་གྱི་ཚེས་བཅུའི་གར་འཆམ་བརྒྱུད་གུ་རུ་རིན་པོ་གཙོས་པའི་སྔོན་བྱོན་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ལ་རྗེས་དྲན་ཞུ་དགོས་གལ་གསུངས་འདུག
  • ཨ་རིའི་གཙུག་ལག་སློབ་གཉེར་ཁང་གཉིས་དབར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གྱི་ལས་རིམ་གསར་པ་ཞིག་འགོ་འཛུགས་གནང་རྒྱུ་རེད་འདུག

Contributor

བཀའ་ཟུར་ཀི་རྟི་རིན་པོ་ཆེ་མཆོག,རྒྱལ་དབང་ཀརྨ་པ་རིན་པོ་མཆོག,ངག་དབང་ནོར་བུ།,འགན་འཛིན་ཚེ་རིང་བཀྲ་ཤིས།,ཀུན་དགའ་བཀྲ་ཤིས།,

Date

23-03-13