༢༠༡༣།༠༤།༢༦ རེས་གཟའ་པ་སངས།

Title

༢༠༡༣།༠༤།༢༦ རེས་གཟའ་པ་སངས།

Description

  • Germanyགྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ནས་བོད་ཀྱི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ལ་མང་མོས་ཀྱི་སྤྱི་བསྒྲགས་ཅིག་སྤེལ་གནང་འདུག
  • ཁམས་ནང་ཆེན་ཁུལ་དུ་བོད་མི་བདུན་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད་ཞུ་གཏུག་རྒྱག་མཁན་རྣམ་ལ་དྲག་གནོན་བྱས་ཏེ་གནས་སྟངས་ཛ་དྲག་ཆགས་འདུག
  • སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སློབ་གྲྭའི་དགེ་རྒན་གཉིས་ལོ་མང་གོང་གར་ཡོད་ཆ་མེད་དུ་གྱུར་ཏེ་ད་ཆ་རྒྱ་གཞུང་ནས་ཁོང་གཉིས་ལྐོག་གསོད་བྱས་ཡོད་པའི་དགོངས་པ་བཞེས་བཞིན་འདུག
  • ཉེ་འཆར་བོད་ནང་བོད་མི་གཉིས་ཀྱི་རང་ལུས་མེར་བསྲེགས་བཏང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་དམིགས་བསལ་གྱི་བོད་དོན་ཆེད་ཛ་དྲག་ཀྱི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་དགོས་པའི་འབོད་སྐུལ་ཞུས་འདུག
  • HongKongདང་བླངས་སློབ་མ་ཁག་ཅིག་ནས་བོད་དོན་གོ་རྟོགས་སྤེལ་ཆེད་ཀྱི་དམིགས་བསལ་གྱི་ལས་རིམ་ཞིག་ཚོགས་གནང་འདུག
  • Franceསྲིད་འཛིན་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གླེང་སློང་གནང་ཡོད་སྐོར་གསུངས་འདུག
  • བོད་མི་རིན་པོ་ལགས་ནས་ཡུ་རུབ་རྒྱལ་ཁབ་གསུམ་ནང་སྐོར་བསྐྱོད་ཟིན་ཏེ་མུ་མཐུད་མདུན་བསྐྱོད་གནང་བཞིན་པ་རེད་འདུག
  • སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སོག་པོའི་གསར་འགོད་པ་ཁག་ཅིག་ལ་བོད་ནང་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་གི་ཡོད་རེད་ཅེས་གསུངས་འདུག

Contributor

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,ཚེ་བརྟན་བསམ་གྲུབ།,གྲྭ་བློ་བཟང་ཡེ་ཤེས།,བོད་མི་རིན་པོ།,

Date

26-04-13