༢༠༡༣།༠༤།༢༧ རེས་གཟའ་སྤེན་པ།

Title

༢༠༡༣།༠༤།༢༧ རེས་གཟའ་སྤེན་པ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཌ་ལ་ཧོ་སི་ཆིབས་བསྒྱུར་དང་སྦྲགས་ཁུལ་དེར་ཡོད་པའི་མང་ཚོགས་ལ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀྲིན་བསྐྱངས་གནང་འདུག
  • ཐེ་ལྦན་ནང་ཚོགས་བཞིན་པའི་སྐབས་བརྒྱད་པའི་མི་རིགས་སྤྱི་འཐུན་གྱི་འགོ་འཁྲིད་ལྷན་ཚོགས་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་ཀྱི་གསུང་འཕྲིན་བརྩལ་གནང་འདུག
  • ཐེ་ལྦན་ནང་གི་བོད་མི་ཚོས་རྒྱ་རིགས་མང་ཚོགས་ཀྱི་འཕྲོད་ལ་འགྲེམ་སྟོན་བརྒྱུད་བོད་དོན་ངོ་སྤྲོད་གནང་པའི་་ལས་འགུལ་ཞིག་སྤེལ་འགོ་བཙུག་གནང་འདུག
  • ཨ་རིའི་སྲིད་འཛིན་ཟུར་པ་Bushམཆོག་གི་དཔེ་མཛོད་དང་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་བོད་ཀྱི་སྐུ་ཚབ་དོན་གཅོད་ཆེད་བཅར་ཞུས་འདུག
  • Wisconsinནང་གི་བོད་མི་ཚོས་ཁུལ་དེར་རྒྱང་བསྐྱོད་རྒྱུག་ཤར་གྱི་རྩེད་འགྲན་ནང་མཉམ་བཞུགས་གནང་དེ་མང་ཚོགས་ཀྱི་ཁྲོད་ལ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་གི་ཡོད་པ་རེད།
  • དམིགས་བསལ་ལས་རིམ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་སྐོར་གྱི་གསུང་ཆོས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་འཛིན་ཟུར་པ་Bushམཆོག,རྒན་ཟླ་བ་ཚེ་རིང་།,བཀྲ་ཤིས་ཚེ་རིང་།,

Date

27-04-13