༢༠༡༢།༠༨།༠༨ རེས་གཟའ་ལྷག་པ།

Title

༢༠༡༢།༠༨།༠༨ རེས་གཟའ་ལྷག་པ།

Description

  •  སྒྲོལ་དཀར་སྐྱིད་ལགས་ཀྱི་རང་ལུས་མེར་བསྲེགས་རྗེས་གཙོས་དགོན་པའི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་དང་བླ་གྲང་དགོན་པའི་དགེ་འདུན་པ་༣༠༠ལྷག་ཙམ་ནས་རྒྱ་མིའི་དྲག་སྣོན་ལ་མ་སྟོད་པར་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་འདོན་བཞིན་འདུག
  • བོད་མི་གཉིས་ཀྱི་གཅིག་རྗེས་གཉིས་མཐུད་ཀྱི་རང་ལུས་མེར་བསྲེགས་བཏང་བར་བཙན་བྱོལ་བོད་མི་རྣམས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག 
  • བཀའ་ཁྲི་མཆོག་གིས་བཀའ་ཤག་སྐབས་༡༤པས་འདས་པའི་ལོ་ཡུན་གཅིག་རིང་གི་ལས་དོན་ལ་འཐུས་ཤོར་སོང་མེད་གསུངས་སོང་། 
  • བལ་ཡུལ་ནང་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་ནས་ལོ་གཅིག་འཁོར་བའི་མཛད་སྒོ་བཀག་སྡོམ་བྱས་འདུག
  • ༸གོང་ས་མཆོག་ནས་ལ་དྭགས་ནང་གི་ཆོས་ལུག་ཕན་ཚུན་དབར་སྔར་ལས་ལྷག་མཐུན་འབྲེལ་དགོས་པའི་བཀའ་སློབ་བསྕལ་འདུག
  • བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པ་དེ་དེ་རིང་་འབིར་བོད་མིའི་གཞིས་ཆགས་ཁུལ་དུ་དབུ་འཛུགས་གནང་འདུག

Contributor

༸གོང་ས་ཆེན་པོ་མཆོག,སྒྲོལ་དཀར་སྐྱིད་ལགས་དང་འབྲེལ་མཐུད་པ་རྒན་ཡེ་ཤེས་ལགས།,བཀའ་ཁྲི་བློ་བཟང་སེང་གེ་མཆོག,བལ་ཡུལ་ནས་བསོད་ནམས་ལགས།,གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས།,ལྷ་བཟང་ཚེ་རིང་ལགས

Date

08-08-12