༢༠༡༢།༠༨།༠༩ རེས་གཟའ་ཕུར་བུ།

Title

༢༠༡༢།༠༨།༠༩ རེས་གཟའ་ཕུར་བུ།

Description

  • འདི་ཟླའི་ཚེས་ ༦ ཉིན་རང་ལུས་མེར་བསྲེགས་བཏང་མཁན་ཀི་རྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་དགོངས་པ་རྫོགས་འདུག 
  • རྒྱལ་སྤྱིའི་གང་སར་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་ནས་ལོ་གཅིག་འཁོར་བའི་དུས་ཆེན་དང་བསྟུན་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འདུག
  • ཨུ་རུ་སུའི་ནང་པའི་དད་ལྡན་པ་རྣམས་ཀྱི་རྒྱལ་གཅེས་ཕོ་མོ་རྣམས་ཀྱི་ཆེད་བསང་གསོལ་དང་གསོལ་འདེབས་སྨོན་ལམ་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་སེ་རའི་ནང་གསང་བསྔགས་རྡོར་རྗེ་ཐེག་པའི་བགྲོ་གླེང་ཐེངས་དང་པོ་གནང་འདུག 
  • ལྡི་ལི་ཁུལ་དུ་བོད་མི་རྣམས་ལ་ཕན་ཚུན་འབྲེལ་བ་གནང་སྐབས་དང་ལྷག་པར་དུ་དྲ་རྒྱ་བེད་སྤྱོད་སྐབས་རང་ཉིད་ཀྱི་བདེ་འཇུས་དགོས་པའི་གོ་རྟོགས་ལས་འགུལ་སྤེལ་འདུག 
  • རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་མཁྱོགས་བཤད་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • འཕྲོད་བསྟེན་གྱི་ལས་རིམ་ནང་ཟས་བཅུད་སྐོར་སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་སུ་བཅར་འདྲི་ཞུས་པ།

Contributor

ཀི་རྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་དང་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས།,བཀའ་ཁྲི་བློ་བཟང་སེང་གེ་མཆོག,ཕ་རན་སིར་ས་གནས་ནས་ཉི་མ་ཆོས་འཕེལ་ལགས།,ས་གནས་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས།,ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས།, བསོད་ནམས་ལགས།,ཚེ་རིང་བཀྲིས་ལགས།,སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་,

Date

09-08-12