༢༠༡༣།༠༧།༠༡ རེས་གཟའ་ཟླ་བ།

Title

༢༠༡༣།༠༧།༠༡ རེས་གཟའ་ཟླ་བ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Vietnameseདད་ལྡན་པ་ཁག་ཅིག་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་བ་དང་ཆབ་ཅིག་ཆོས་དད་དང་རྒྱུ་མཚན་གཉིས་མཉམ་དུ་འགྲོ་དགོས་ཞེས་པ་དེ་ནི་ལེགས་བཤད་ཅིག་ཡིན་སྐོར་བཀའ་གནང་འདུག
  • ཨ་རིའིི་གཞུང་ཚབ་པས་ལྷ་སའི་ནང་གི་འཚམས་གཟིགས་ཀྱི་དོན་འབྲས་གང་བྱུང་མིན་ལ་ལྟོས་མེད་ལྷ་སའི་ནང་དུ་ཨ་རིའི་གཞུང་ཚབ་ཀྱི་ལས་འཆར་གྱི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་སྐོར་གསུངས་འདུག
  • བཞུགས་སྒར་དུ་བོད་མིའི་ཁྲིམས་ལུགས་རིགས་པའི་ལྷན་ཚོགས་འཇུག་སྒྲིལ་དང་སྦྲགས་བོད་མིའི་ཁྲིམས་ལུགས་རིགས་པའི་ཚོགས་པ་ཞིག་གསར་འཛུགས་གནང་འདུག
  • ཨ་རིའིMinnesotaམངའ་ཁུལ་གྱི་རིག་གཞུང་དུས་སྟོན་ཐོག་བོད་མི་རྣམས་ནས་མཉམ་བཞུགས་གནང་འདུག
  • ལྕམ་སྐུ་Navi Pillay མཆོག་གིས་རྒྱ་གཞུང་གི་མགྲོན་འབོད་ལྟར་རྒྱ་ནག་ནང་བསྐྱོད་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་ཆེད་བསྐྱོད་ཀྱིས་རྟོགས་ཞིབ་གནང་གི་ཡིན་སྐོར་གསུངས་འདུག
  • ནང་སྲིད་བཀའ་བློན་མཆོག་གིས་དབུ་བཞུགས་ཐོག་ཧི་མ་ཅལ་མངའ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་པའི་ལྷན་འཛོམས་ཞིག་ཚོགས་གནང་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ལྕམ་སྐུ་Navi Pillay,སྐུ་ཞབས་ཝན་ཌོལ་ལགས།,ངག་དབང་འཆི་མེད།,ངག་དབང་འཕེལ་རྒྱས།,དོན་གྲུབ་རྡོ་རྗེ།,

Date

01-07-13