༢༠༡༣།༠༧།༠༢ རེས་གཟའ་མིག་དམར།

Title

༢༠༡༣།༠༧།༠༢ རེས་གཟའ་མིག་དམར།

Description

  • བོད་ཁམས་ཚ་བ་དཔའ་ཤོད་ནང་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་བོད་མི་ཞིག་འཛིན་བཟུང་དང་རེབ་གོང་ནང་དགེ་འདུན་པ་ཞིག་ལ་ཁྲིམས་བཅད་བཏང་བ་སོོགས་བོད་ནང་གི་གནས་ཚུལ།
  • Lithuania རྒྱལ་ཁབ་ནས་ཡོ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་ལས་གནས་བཞེས་སྐབས་བོད་ཀྱི་གནད་དོན་འདི་བཞིན་སྒྲིག་འཛུགས་དེའི་གྲོས་གཞི་གཙོ་བོའི་ཁོངས་སུ་བཞགས་དགོས་པའི་འབོད་སྐུལ་ཞུས་འདུག
  • སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་ཆེན་མཆོག་ནས་སངས་རྒྱས་ཀྱི་བསྟན་པའི་གཟི་འོད་ད་ལྟ་དང་མ་འོངས་ཡང་མུ་མཐུད་ནས་འཕྲོ་རྒྱུ་ཡིན་པའི་བཀའ་གནང་སོང་།
  • བོད་ཀྱི་རྒྱལ་ས་མང་ཚོགས་སྟོང་ཚོ་མང་པོས་རྒྱ་ནག་འགོ་ཁྲིད་འོག་སྡོད་འདོད་མེད་པའི་རྣམ་པ་བསྟན་འདུག
  • བོད་ཀྱི་རྒྱལ་ས་ལྷ་སའི་བ་སྐོར་གཡས་གཡོན་དུ་རྒྱ་གཞུང་གིས་དེང་དུས་ཀྱི་ལས་གཞིི་མཇུག་སྒྲིལ་ཟིན་པའི་གསལ་བསྒྲགས་སྤེལ་འདུག
  • བཀའ་བློན་ཁྲི་ཟུར་གཟམ་གདོང་རིན་པོ་ཆེ་མཆོག་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཤེས་ཡོན་སྲིད་ཇུས་སྐོར་ལམ་སྟོན་བཀའ་སློབ་གནང་འདུག
  • དམིགས་བསལ་ལས་རིམ། གཞས་པ་བསོད་ནམས་དགོན་པོ་ལགས་ཀྱིས་བཏང་གནང་བའི་གང་ཉིད་ལ་ཆེ་བསྟོད་ཀྱི་གླུ་གཞས་ཐུགས་རྗེ་བཀའ་དྲིན།

Contributor

སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་ཆེན་མཆོག,བསོད་ནམས་དགོན་པོ།,བཀའ་བློན་ཁྲི་ཟུར་གཟམ་གདོང་རིན་པོ་ཆེ།,རྒན་ཆོས་རྒྱལ་བཀྲ་ཤིས།,གཞས་པ་བསོད་ནམས་དགོན་པོ།,

Date

02-07-13